Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །སླར་ཡང་ཆེད་དུ་བརྗོད་པ། ཤིན་ཏུ་རྙེད་དཀའ་དོན་ཆེའི་རྟེན།
[Clear Hits]


  
  
  
  
  
  
  
  
  
  
  
  
  
གྲོགས་ཁྱོད་ཉམས་ལེན་སྐྱོང་འདོད་ན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །སླར་ཡང་ཆེད་དུ་བརྗོད་པ། ཤིན་ཏུ་རྙེད་དཀའ་དོན་ཆེའི་རྟེན།
[Clear Hits]

 
previousགྲོགས་ཁྱོད་ཉམས་ལེན་སྐྱོང་འདོད་ན། next

གྲོགས་ཁྱོད་ཉམས་ལེན་སྐྱོང་འདོད་ན།

༄༅། །གྲོགས་ཁྱོད་ཉམས་ལེན་སྐྱོང་འདོད་ན། མཚུངས་མེད་བླ་མའི་ཞབས་ལ་འདུད། །གྲོགས་ཁྱོད་ཉམས་ལེན་སྐྱོང་འདོད་ན། །བླ་མ་སངས་རྒྱས་དངོས་མཐོང་བའི། །མོས་གུས་དྲག་པོས་གསོལ་བ་ཐོབ། །དབང་བཞི་ལོངས་ལ་ཐུགས་ཡིད་བསྲེས། །ད་ལྟའི་ཐ་མལ་ཤེས་པ་འདི། །བཟང་འདོད་ཞེན་པས་མ་བསླད་ཅིང་། །ངན་རྟོག་འཇུར་བུས་མ་བཅིངས་པར། །རང་བབས་སྒོམ་གྱི་ངོ་ཏིར་ཟུངས། །ལེགས་སུ་རེ་དང་ཉེས་ཀྱིས་དོགས། །གནས་ན་དགའ་དང་འགྱུ་ཡིས་སྡུག །སྒྲིམ་ཀློད་བྱེད་བློ་མ་རྩོམ་པར། །གཤིས་ལུགས་ངང་དུ་བབས་ཀྱིས་ལྷོད། །རྣམ་རྟོག་ཕྱི་རུ་སྤྲོ་བ་དང་། །རིག་པ་ནང་དུ་བསྡུ་བ་སོགས། །བཅས་བཅོས་དགག་སྒྲུབ་མ་བྱེད་པར། །གུ་ཡངས་ངང་དུ་ཁྲོལ་ལེར་ཞོག །བལྟར་མེད་སེམས་ཀྱི་ཆོས་ཉིད་ལ། །མཐོང་འདོད་རེ་བ་མ་ཆེ་བར། །གང་ཤར་ཆོས་སྐུའི་ཡོ་ལང་ཆེར། །རྒྱ་གྲོལ་ཕྱལ་པར་གློད་ཅིག་ཨང་། །ཚོགས་དྲུག་ལྷུག་པ་བུ་ཆུང་སེམས། །བཟང་རྟོག་ཞེན་མེད་འཇའ་ཤར་འདྲ། །ངན་རྟོག་སྦྲུལ་མདུད་རང་གྲོལ་བཞིན། །རྣམ་ཀུན་བག་ཆགས་རྗེས་གསོག་བྲལ། །ཆགས་ན་ཆགས་མཁན་རྩ་བ་ཆོད། །ཞེན་ན་ཞེན་མཁན་རྩད་ནས་ཕྱུངས། །སྟིང་ན་རྩལ་སྦྱངས་ཉམས་བོགས་དབྱུང་། །མཉམ་བཞག་རྗེས་ཐོབ་ངོ་བོར་ཁྱེར། །དུས་རྒྱུན་ངེས་འབྱུང་སྐྱོ་ཤས་དང་། །ཞེན་ལོག་དཀའ་སྤྱོད་སྒྲུབ་ཚུགས་བརྟན། །མོས་གུས་སྙིང་རྗེ་བསྐྱེད་རྫོགས་དང་། །ཤི་ཡང་འགྱོད་མེད་ཚགས་ཚུད་མཛོད། །དེ་སྐད་དགེ་སྦྱོང་བི་ཛ་ཡས། །ལུང་དང་བླ་མའི་མན་ངག་དང་། །རང་གི་མྱོང་བ་བསྟུན་ནས་བྲིས། །དགེ་བས་ཁྱེད་ལ་ཕན་གྱུར་ཅིག །


previousགྲོགས་ཁྱོད་ཉམས་ལེན་སྐྱོང་འདོད་ན། next